林芝市市场监督管理局

政府信息公开

关于征集林芝市市场监管领域“黄牛”“黑中介”等破坏营商环境问题线索的通告

发布时间: 2024-12-27   浏览次数:   【字体:

为深入贯彻落实党的二十大和二十届三中全会以及自治区第十次党代会和历次全会精神,全面贯彻党中央、国务院和自治区党委、政府关于优化营商环境的系列决策部署,立足市场监管职责,严肃查处“黄牛”“黑中介”等破坏营商环境行为,提升政务服务水平,肃清工作风气,积极营造公平公正的法治环境、高效便捷的政务环境、诚实守信的信用环境、开放开明的人文环境、优质完善的要素保障环境,助推高原经济高质量发展。现向社会征集线索,特通告如下:

一、释义

“黄牛”:指通过非法手段获取有限资源并以高价转售的人,“黄牛”的存在,会导致市场供需关系失衡,形成“供不应求”的局面,从而破坏市场秩序,影响营商环境。“黄牛”还会通过虚假宣传、夸大炒作等手段来炒作市场,误导消费者,扰乱市场秩序。

“黑中介”:未取得营业执照或未取得相关许可,以非法占有为目的,用虚构事实或者隐瞒真相的方法,骗取款额较大的公私财物的行为,其危害性变现为:损害政府公信力、权力寻租、滋生腐败、扰乱市场秩序、损害群众利益,影响公平竞争,进而破坏营商环境,影响社会经济高质量发展。

二、线索征集内容

(一)催生“黄牛”“黑中介”的问题

1.违规设定没有法律法规依据的中介服务事项;将职责范围内的工作转移或委托给中介机构;明确或变相指定中介机构垄断服务,干预经营主体选取中介机构等行为。

2.工作人员滥用行政审批权或自由裁量权、政策解读权等,造成企业、群众办事困难,滋生“黄牛”“中介”代办问题。

3.工作人员对符合条件的企业及群众采取推、拖、绕等方式,造成企业、群众办事困难,滋生“黄牛”“中介”代办问题。

4.其他因政务行为不合理不合法而催生“黄牛”“黑中介”的情形。

(二)勾结“黄牛”“黑中介”的问题

1.工作人员与“黄牛”“黑中介”相互勾结,进行有偿代办、插队办理、预留名额等“开后门”行为及暗箱操作、弄虚作假、违规操作等不法行为。

2.工作人员利用职权刁难、暗示、推荐、指定等方式强制办事企业或群众找“黄牛”“黑中介”代办等行为。

3.工作人员帮助社会中介机构、中间人有偿代理、强制购买服务或产品等行为。

4.工作人员参与中介机构经营或持股分红,变相充当“黄牛”“中介”的行为。

5.其他通过勾结或充当“中间人”,利用政府公权力谋取不正当利益的行为。

(三)默许“黄牛”“黑中介”的问题

1.政务服务机构(含大厅、窗口)“黄牛”“黑中介”公然在其场所内向办事企业及群众招揽业务的行为不制止、不报告、不解决等。

2.群众反映“黄牛”“黑中介”问题,有关部门不受理、不处理等行为。

3.相关职能部门“黄牛”“黑中介”听之任之、不闻不问等情形。

(四)放纵“黄牛”“黑中介”的问题

1.明知职责范围内存在“黄牛”“黑中介”问题而不针对性研究制定完善相关制度机制等情形。

2.对职责范围“黄牛”“黑中介”问题严重而不追究相关人员责任,或追责问责不到位等情形。

3.对政务服务工作人员与“黄牛”“黑中介”勾结问题线索不移交或不查处等情形。

(五)在专项整治过程中发现的其他问题

三、举报联系方式及邮寄地址

(一)林芝市市场监督管理局举报电话:0894-5822938、邮寄地址:林芝市巴宜区八一镇塔布路14号。

(二)巴宜区市场监督管理局举报电话:0894-5821568、邮寄地址:巴宜区八一镇塔布路10号。

(三)米林市市场监督管理局举报电话:0894-5453435、邮寄地址:米林市政务服务中心二楼。

(四)朗县市场监督管理局举报电话:0894-5462140、邮寄地址:朗县团结路2号。

(五)波密县市场监督管理局举报电话:0894-5422256、邮寄地址:波密县扎木镇扎木路24号。

(六)察隅县市场监督管理局举报电话:0894-5436555、邮寄地址:察隅县政务服务中心218室。

(七)墨脱县市场监督管理局举报电话:0894-5490182、邮寄地址:墨脱县政务服务中心二楼。

(八)工布江达县市场监督管理局举报电话:0894-5412193、邮寄地址:工布江达县川藏南路8号。

(受理时间:工作日9:30-13:00、15:30-18:30)

优化营商环境,你我共同参与。在此呼吁并鼓励广大群众积极提供市场监管领域“黄牛”“黑中介”等破坏营商环境问题线索。我们承诺,各级市场监管部门将对举报信息严格保密。同时,我们也会保护正规中介机构的合法权益,严禁诬告陷害行为,一经查实,将按照相关法律法规处理。

特此通告。

林芝市市场监督管理局

2024年12月27日

ཉིང་ཁྲི་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ནངཔ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བ་སོགས་ཀྱིས་ཚོང་གཉེར་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་གནད་དོན་གྱི་ཁུངས་སྣེ་འདོན་རྒྱུའི་སྐོར་གྱི་བརྡ་ཁྱབ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ།ཚང་འཛོམས་གྲོས་ཚོགས་རིམ་བྱུང་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད་དང་།ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ཐད་ཀྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་བྱ་ཆེད།ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་འགན་འཁྲིར་གཞིགས་ནས།པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བ་སོགས་ཀྱིས་ཚོང་གཉེར་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ།སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་།ལས་ཀའི་ལམ་སྲོལ་ལེགས་སྒྱུར་གྱིས།གཉིས་ལོ་དྲང་གཞག་གི་ཁྲིམས་སྐྱོང་གི་ཁོར་ཡུག་དང་།ཕྱོད་ཆེ་སྟབས་བདེ་ཡི་སྲིད་དོན་གྱི་ཁོར་ཡུགཐུགས་བློ་འགེལ་ཆོག་གི་ཡིད་རྟོན་གྱི་ཁོར་ཡུགསྒོ་འབྱེད་བག་ཡངས་ཀྱི་མི་ཆོས་ཀྱི་ཁོར་ཡུགསྤུས་ལེགས་འཐུས་ཚང་གི་རྒྱུ་རྐྱེན་འགན་སྲུང་གི་ཁོར་ཡུག་བཅས་ཧུར་ཐག་གཏོད་དེ།ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།ད་ལྟ་སྤྱི་ཚོགས་ཐོག་ནས་ཁུངས་སྣེ་བསྡུ་རུབ་བྱ་རྒྱུའི་བརྡ་ཁྱབ་གཤམ་གསལ།

དང་པོ།ཐ་སྙད་འགྲེལ་བཤད།

1.པ་སེ་ལོག་འཚོང་བ་ཞེས་པ་ནི།ཁྲིམས་འགལ་ངང་ཚད་ཡོད་ཀྱི་ཐོན་ཁུངས་རགས་ཐབས་བྱས་ཏེ།དེའི་རིན་གོང་སྤར་ནས་བརྒྱུད་འཚོང་བྱེད་མཁན་ལ་ཟེར།པ་སེ་ལོག་འཚོང་གིས།ཚོང་རའི་མཁོ་སྤྲོད་ཀྱི་འབྲེལ་བ་སྙོམས་པོ་ཁྲུ་སློག་ནས།འདོན་ཚད་ལས་མཁོ་ཚད་ཆེ་བའི་རྣམ་པ་བཟོས་ཏེ།ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་དང་ཚོང་གཉེར་གྱི་ཁོར་ཡུག་ལ་ཤུགས་རྐྱེན་གཏོང་གི་ཡོད།པ་སེ་ལོག་འཚོང་བས་ད་དུང་དྲིལ་བསྒྲགས་རྫུན་མ་དང་འུད་སྒྲོག་བྱས་ནས་ཁྲོམ་རར་སྦིར་སྒྲགས་བཟོས་ཏེ།འཛད་སྤྱོད་པར་བརྡ་ལོག་རྒྱག་པ་དང་ཚོང་རའི་སྒྲིག་ལམ་དཀྲུགས་ཀྱི་ཡོད།

2.ཁྲིམས་འགལ་མཚམས་སྦྱོར་བ་ཞེས་པ་ནི།ལས་གཉེར་ལག་ཁྱེར་མེད་པའམ་འབྲེལ་ཡོད་ཀྱི་ཆོག་མཆན་མེད་པར།ཁྲིམས་འགལ་གྱིས་བདག་གིར་འཛིན་རྒྱུ་དམིགས་ཡུལ་དུ་བཟུང་ནས།དོན་དངོས་རྫུན་མ་བཟོ་བའམ་གནས་ཚུལ་ངོ་མ་སྦ་གསང་བྱས་ནས།གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེན་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་ཟེར་ཞིང་།དེའི་གནོད་པ་ནི།སྲིད་གཞུང་གི་སྤྱི་མོས་ཡོང་ཚད་ཆུང་དུ་འགྲོ་བ་དང་།དབང་ཆར་བརྟེན་ནས་ཁེ་བཟང་འཚོལ་བ།རུལ་སུངས་བྱེད་པ།ཁྲོམ་རའི་སྒྲིག་ལམ་དཀྲུག་པ།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ།འགྲན་རྩོད་དྲང་གཞག་མེད་པ་བཟོ་བ།ཚོང་གཉེར་གྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་བཅས་བྱས་ནས།སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་བཟོ་གི་ཡོད།

གཉིས་པ།ཁུངས་སྣེ་བསྡུ་རུབ་ཀྱི་ནང་དོན།

(གཅིག)པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བ་ཐོན་དགོས་དོན།

1.གཏན་འབེབས་ལས་འགལ་ནས།བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པའི་མཚམས་སྦྱོར་ཞབས་ཞུའི་དོན་ཚན་གསར་པ་བཟོ་བ་དང་།རང་གི་འགན་འཁྲིའི་ལས་ཀ་མཚམས་སྦྱོར་བར་སྤྲོད་པའམ་མངག་བཅོལ་བྱེད་པ།མཚམས་སྦྱོར་བས་ལས་རིགས་གང་ཞིག་སྒེར་སྡེམ་བྱེད་དུ་འཇུག་པའམ་བྱེད་རྒྱུར་ལྐོག་བརྡ་བཏང་ནས།ཚོང་གཉེར་བས་མཚམས་སྦྱོར་བ་གདམ་རྒྱུར་ཐེ་གཏོགས་བྱེད་པའི་རིགས།

2.ལས་བྱེད་པས་སྲིད་འཛིན་མཆན་འགོད་དབང་ཆ་དང་ཁྲིམས་ཚད་གཅོད་དབང།སྲིད་ཇུས་འགྲེལ་བཤད་བྱེད་དབང་སོགས་གང་བྱུང་དུ་སྤྱད་དེ།ཁེ་ལས་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་པར་དཀའ་ངལ་བཟོས་ནས།པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བས་ཚབ་སྒྲུབ་བྱེད་དུ་འཇུག་པའི་རིགས།

3.ལས་བྱེད་པས་ཆ་རྐྱེན་འཛོམས་པའི་ཁེ་ལས་དང་མང་ཚོགས་ཀྱིས་དོན་དག་གཅོད་སྐབས།བུད་འདེད་དང་འགོར་འགྱངས།ཀར་ཀོར་སོགས་བྱས་ནས།ཁེ་ལས་དང་མང་ཚོགས་དོན་དག་གཅོད་པར་དཀའ་ཁག་བཟོས་ཏེ།པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བ་ཐོན་དུ་འཇུག་པའི་རིགས།

4.སྲིད་དོན་བྱ་སྤྱོད་ལུགས་དང་མི་མཐུན་པའི་རྐྱེན་གྱིས་པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བ་ཐོན་དུ་འཇུག་པའི་རིགས།

(གཉིས)པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བ་གཉིས་དང་ངན་འབྲེལ་བྱེད་པའི་གནད་དོན།

1.ལས་བྱེད་པས་པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བ་དང་ངན་འབྲེལ་བྱས་ཏེ།རིན་ཡོད་ཚབ་སྒྲུབ་བྱེད་པ་དང་།རུ་སྟར་ནང་འཛུལ་ནས་ལས་ཀ་སྒྲུབ་པ།གདན་ཐོབ་སྔོན་ནས་ཉར་བ་སོགས་ལྟག་སྒོ་བརྒྱུད་པའི་བྱ་སྤྱོད་དང་།སྦུག་མཐུན་གཡོ་བསྒྱུར་དང་མི་བདེན་རྫུན་སྒྲིགལག་བསྟར་སྒྲིག་འགལ་བྱེད་པ་སོགས་ཁྲིམས་འགལ་གྱི་རིགས།

2.ལས་བྱེད་པས་འགན་དབང་སྤྱད་ནས།དོན་དག་གཅོད་མཁན་གྱི་ཁེ་ལས་སམ་མང་ཚོགས་ལ་ཁག་པོ་བཟོས་ཏེ།པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བས་ཚབ་སྒྲུབ་བྱེད་དུ་འཇུག་རྒྱུར་ཤུགས་ནས་སྟོན་པ་དང་།འོས་སྦྱོར་བྱེད་པ།དམིགས་སུ་བཀར་བའི་རིགས།

3.སྤྱི་ཚོགས་ཐོག་གི་མཚམས་སྦྱོར་ལས་ཁུངས་དང་།བར་མིས་གླ་ཆ་བླངས་ནས་ལས་ཚབ་སྒྲུབ་པ་དང་བཙན་ཤེད་ཀྱིས་ཞབས་ཞུའམ་ཐོན་རྫས་ཉོ་བའི་བྱ་སྤྱོད་ལ་ལས་བྱེད་པས་རོགས་རམ་བྱེད་པའི་རིགས།

4.མཚམས་སྦྱོར་ལས་ཁུངས་ཀྱི་གཉེར་སྐྱོང་དང་རྐང་དངུལ་བདག་དབང་།ཁེ་སྤོགས་བགོ་བ་སོགས་ལ་ལས་བྱེད་པས་ཞུགས་ནས།ངོ་བོ་གཞན་པའི་ཐོག་ནས་པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བ་བྱེད་པའི་རིགས།

5.ཐབས་གཞན་དག་སྤྱད་ནས་ངན་འབྲེལ་དང་བར་མི་བྱས་ཏེ།སྲིད་གཞུང་གི་དབང་ཆ་སྤྱད་དེ་ཚུལ་མིན་གྱི་ཁེ་ཕན་ལེན་པའི་བྱ་སྤྱོད་གཞན་དག་གི་རིགས།

(གསུམ)པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བའི་གནད་དོན་གཏམ་མེད་ཁས་ལེན་པའི་གནད་དོན།

1.པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བས་མངོན་སུམ་འཛེམ་མེད་ངང་དོན་དག་གཅོད་མཁན་གྱི་ཁེ་ལས་དང་མང་ཚོགས་ཀྱི་ལས་སྒོ་སྤེལ་ས་ནས་ཚོང་ལེན་པའི་རིགས་ལ་སྲིད་དོན་ཞབས་ཞུའི་ལས་ཁུངས(ཚོམས་ཆེན་དང་དཀར་ཁུང་ཚུད་ཡོད)ཀྱིས།བཀག་འགོག་མི་བྱེད་པ་དང་།སྙན་སེང་མི་ཞུ་བ་དང་ཐག་གཅོད་མི་བྱེད་པ་སོགས་ཀྱི་རིགས།

2.མང་ཚོགས་ཀྱིས་པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བའི་གནད་དོན་ཡར་ཞུ་བྱས་ཀྱང་།འབྲེལ་ཡོད་ཚན་པས་བདག་སྤྲོད་མི་བྱེད་པ་དང་ཐག་གཅོད་མི་བྱེད་པ་སོགས་ཀྱི་རིགས།

3.འབྲེལ་ཡོད་འགན་ནུས་ཚན་པས།པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བའི་གནད་དོན་ལ་སྣང་མེད་དུ་གཏོང་བ་དང་།དོ་ཁུར་མི་བྱེད་པ་སོགས་ཀྱི་རིགས།

(བཞི)པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བ་རྒྱ་ཡན་དུ་གཏོང་བའི་གནད་དོན།

1.འགན་འཁྲིའི་ཁྱབ་ཁོངས་ནང་དུ་པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བའི་གནད་དོན་ཡོད་པ་ཤེས་བཞིན་དུ།དེར་དམིགས་པའི་འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་མི་གཏོང་བའི་རིགས།

2.འགན་འཁྲིའི་ཁྱབ་ཁོངས་ནང་དུ་པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བའི་གནད་དོན་ཚབས་ཆེན་ཡོད་ཀྱང་།འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་མི་བྱེད་པའམ་འགན་འཁྲི་རྩད་གཅོད་གནད་འཁེལ་མི་བྱེད་པའི་རིགས།

3.སྲིད་དོན་ཞབས་ཞུའི་ལས་བྱེད་པས་པ་སེ་ལོག་འཚོང་བ་དང་ཁྲིམས་འགལ་མཚམས་སྦྱོར་བར་ངན་འབྲེལ་བྱས་པའི་གནད་དོན་གྱི་ཁུངས་སྣེ་རྩིས་སྤྲོད་མི་བྱེད་པའམ་ཞིབ་བཤེར་ཐག་གཅོད་མི་བྱེད་པའི་རིགས།

(ལྔ)ཆེད་དོན་བཅོས་སྒྲིག་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་གཞན་དག

གསུམ་པ།ཐེར་འདོན་བྱེད་ཡུལ་དང་ཡིག་བསྐུར་ས་གནས།

(གཅིག)ཉིང་ཁྲི་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཐེར་འདོན་ཁ་པར་0894-5822938ཡིག་བསྐུར་ས་གནས།ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུད་བྲག་ཡིབ་གྲོང་རྡལ་དྭགས་པོ་ལམ་སྒོ་རྟགས་ཨང་14པ།

(གཉིས)བྲག་ཡིབ་ཆུད་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཐེར་འདོན་ཁ་པར་0894-5821568ཡིག་བསྐུར་ས་གནས།བྲག་ཡིབ་ཆུད་བྲག་ཡིབ་གྲོང་རྡལ་དྭགས་པོ་ལམ་སྒོ་རྟགས་ཨང་10པ།

(གསུམ)སྨན་གླིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཐེར་འདོན་ཁ་པར་0894-5453453ཡིག་བསྐུར་ས་གནས།སྨན་གླིང་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཉིས་ཐོག

(བཞི)སྣང་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཐེར་འདོན་ཁ་པར་0894-5462140ཡིག་བསྐུར་ས་གནས།སྣང་རྫོང་མཐུན་སྒྲིལ་ལམ་སྒོ་རྟགས་ཨང་2པ།

(ལྔ)སྤོ་བོ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཐེར་འདོན་ཁ་པར་0894-5422256ཡིག་བསྐུར་ས་གནས།སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་སྒོ་རྟགས་ཨང་24པ།

(དྲུག)རྫ་ཡུལ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཐེར་འདོན་ཁ་པར་0894-5436555ཡིག་བསྐུར་ས་གནས།རྫ་ཡུལ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་སྒོ་རྟགས་218པ།

(བདུན)མེ་ཏོག་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཐེར་འདོན་ཁ་པར་0894-5490182ཡིག་བསྐུར་ས་གནས།མེ་ཏོག་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཉིས་ཐོག

(བརྒྱད)ཀོང་པོ་རྒྱ་མདའ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཐེར་འདོན་ཁ་པར་0894-5412193ཡིག་བསྐུར་ས་གནས།ཀོང་པོ་རྒྱ་མདའ་རྫོང་ཁྲོན་བོད་ལྷོ་ལམ་སྒོ་རྟགས་ཨང་8པ།

བདག་སྤྲོད་དུས་ཚོད།ལས་ཀའི་ཉིན་མོའི་9:30-13:00དང་15:30-18:30བར།

ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར།ང་ཚོ་ཚང་མས་མཉམ་དུ་ཞུགས་དགོས།རྒྱ་ཆེའི་མང་ཚོགས་ཀྱིས་ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་གནད་དོན་གྱི་ཁུངས་སྣེ་འདོན་རྒྱུའི་འབོད་སྐུལ་ཞུ་གི་ཡིན།རིམ་པ་ཁག་གི་ཁྲོམ་ར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཐེར་འདོན་གྱི་ཆ་འཕྲིན་གསང་བ་ནན་མོ་བྱེད་པ་དང་དུས་མཚུངས།མཚམས་སྦྱོར་ལས་ཁུངས་ཚད་ལྡན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་།སྙོན་འཛུགས་དང་མ་ཉེས་ཁག་གཡོགས་ཀྱི་བྱ་སྤྱོད་གཏན་འགོག་བྱས་ནས།ཁྲིམས་ལས་འགལ་ན་ཁྲིམས་ལྟར་ཐག་གཅོད་གཏོང་རྒྱུ།

ཆེད་དུ་བརྡ་ཁྱབ་འདི་སྤེལ་བ་ཡིན།

ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད།

2024ལོའི་ཟླ12ཚེས27ཉིན།